歌词塔 搜索歌曲

月光下的思念歌词

歌手:多布 专辑:多布之前作品

作词 : 多布
作曲 : 多布
༼ཟླ་འོད་འོག་གི་དྲན་སེམས་༽
ཚིག་གདངས་ རྡོ་པོ་
གཏོང་མཁན་ རྡོ་པོ་དང་ཕུར་སྒྲོན་
རོལ་དབྱངས་སྒྲིག་བཟོ་ སི་ཆིང་པ་ཐར་
བུ་ངའི་མིག་ལམ་ཁྱེད་ཀྱི་ཞལ་རས་
ཡང་ནས་ཡང་དུ་འཁོར་བྱུང་
བུ་ངའི་་ཡིད་སེམས་ཁྱེད་ཕྱོགས་འཕུར་ནས་
རང་ལུས་རང་དབང་མི་འདུག་
ལས་ཀྱི་བུ་མོ་མཛེས་ལྡན་ལྷ་མོ་
ང་ཡི་སྙིང་གི་ནོར་བུ་
གུས་མོའི་ཡིད་ལ་ཁྱེད་ཀྱི་རྣམ་ཤེས་
ལྷང་ནས་ལྷང་དུ་འཆར་བྱུང་
གུས་མོའི་བརྩེ་དུང་ཁྱེད་དང་འབྲེལ་ནས་
དཀྲོལ་ཡང་དཀྲོལ་ཐབས་མི་འདུག་
ལས་ཀྱི་བུ་ཆུང་ནོར་བུ་སངས་རྒྱས་
ང་ཡི་སྙིང་གི་གཏན་ཆགས་
ལ་ལ་ལ་ལ་ལ་ལ་ལ་ལ་
ལ་ལ་ལ་ལ་ལ་ལ་ལ་ལ་
ལ་ལ་ངའི་ཡིད་སེམས་འཕྲོག་པའི་བུ་མོ་མཛེས་ལྡན་ལྷ་མོ་
ལ་ལ་ངའི་ཡིད་སེམས་འཕྲོག་པའི་བུ་ཆུང་ཚེ་རིང་
གལ་ཏེ་གལ་ཏེ་ང་གཉིས་བར་གྱི་གཅིག་སེམས་གཅིག་ལ་བཅངས་པའི་བརྩེ་དུང་
ལྷད་མེད་དང་གཙང་ཆུ་མོ་བཞིན་དུ་རྫོགས་རྒྱུ་མེད་པ་ཡིན་པས་ན་
མིག་དང་མིག་དེ་ཕན་ཚུན་འཕྲད་དུས་ཡ་ངའི་མིང་ཆུང་བལྟ་ནས་བལྟ་ཙམ་
སྐྱོ་བའི་མིང་ཆེད་དེ་འདྲའི་འཚོ་བ་སྙིང་པོ་ག་ལ་ཡོད་
གལ་ཏེ་གལ་ཏེ་ང་གཉིས་བར་གྱི་གཅིག་སེམས་གཅིག་ལ་བཅངས་པའི་བརྩེ་དུང་
ལྷད་མེད་དང་གཙང་ཆུ་མོ་བཞིན་དུ་རྫོགས་རྒྱུ་མེད་པ་ཡིན་པས་ན་
གཡས་དང་གཡོན་གྱི་རླུང་བུ་དེ་ཚོས་དགའ་སྡུག་འཚོ་མཉམ་མྱོང་བྱས་པས་
བརྩེ་དུང་ལྗོན་ཤིང་ཆེན་པོ་དེ་ལ་གཡོ་འགུལ་ག་ལ་ཐེབས།
བུ་ངའི་མིག་ལམ་ཁྱེད་ཀྱི་ཞལ་རས་
ཡང་ནས་ཡང་དུ་འཁོར་བྱུང་
གུས་མོའི་ཡིད་ལ་ཁྱེད་ཀྱི་རྣམ་ཤེས་
ལྷང་ནས་ལྷང་དུ་འཆར་བྱུང་
བུ་ངའི་་ཡིད་སེམས་ཁྱེད་ཕྱོགས་འཕུར་ནས་
རང་ལུས་རང་དབང་མི་འདུག་
གུས་མོའི་བརྩེ་དུང་ཁྱེད་དང་འབྲེལ་ནས་
དཀྲོལ་ཡང་དཀྲོལ་ཐབས་མི་འདུག་
ལས་ཀྱི་བུ་མོ་མཛེས་ལྡན་ལྷ་མོ་
ང་ཡི་སྙིང་གི་ནོར་བུ་
ལས་ཀྱི་བུ་ཆུང་ནོར་བུ་སངས་རྒྱས་
ང་ཡི་སྙིང་གི་གཏན་ཆགས་
ལ་ལ་ལ་ལ་ལ་ལ་ལ་ལ་
ལ་ལ་ལ་ལ་ལ་ལ་ལ་ལ་
ལ་ལ་ལ་ལ་ལ་ལ་ལ་ལ་
ལ་ལ་ལ་ལ་ལ་ལ་ལ་ལ་
月光下的思念
更多>

多布最新专辑

更多>

多布最新歌曲