歌词塔 搜索歌曲

酥油灯的祝福歌词

歌手:多布 专辑:多布之前作品

作词 : 多布、仁青白
作曲 : 多布
༼མཆོད་མེའི་སྨོན་འདུན་༽
ཚིག་ རྡོ་པོ་དང་རིན་ཆེན་དཔལ་
གདངས་ རྡོ་པོ་
གཏོང་མཁན་ རྡོ་པོ་དང་འཇིགས་རྡོར་
སྒྲིག་བཟོ་ སི་ཆིང་པ་ཐར་
ཁ་བ་ཡི་འཇིག་རྟེན་ རབ་དཀར་གྱི་ལས་དབང་
ལས་དང་རྒྱུ་འབྲས་ སེམས་ཀྱི་ནོར་བུ་
རྩ་ཐང་གི་མལ་གདན་བྱས་པའི་ཕྱུག་རིགས་དཀར་ནག་གི་རྒྱན་ཆ་སྤྲད་ཞག་
གངས་རི་ཡི་འགུལ་རྒྱན་བྱས་པའི་རྣམ་དཔྱོད་རིག་གཞུང་གི་བཅུད་དང་ལྡན་ཡོད་
འོན་ལྡན་གྱི་མཆོད་མེ་ བདེ་སྐྱིད་ཀྱི་ཞིང་ཁམས་
བྱམས་དང་སྙིང་རྗེ་ ཀུན་ལྡན་གྱི་རང་གཤིས་
དྭངས་གཙང་གི་ཆུ་མོའི་ནང་དུ་ཉ་ཆུང་གསེར་མིག་གི་རྒྱན་ཆ་སྤྲད་ཞག་
ཟོལ་མེད་ཀྱི་མཛུམ་ཆུང་ནང་དུ་ང་ཚོའི་སེམས་ཁོངས་ཀྱི་གླུ་ཆུང་ལེན་ཡོད་
སྤྲེལ་རྒན་བྱང་ཆུབ་སེམས་པའི་གདུང་རྒྱུད་
ཤ་རུས་གཅིག་ལས་གྲུབ་པའི་སྤུན་ཟླ་ལགས་
མི་ཆོས་དགེ་བ་བཅུ་ལ་འབད་བརྩོན་
རྡིག་པ་ཀུན་དུ་སྤངས་ནས་ཞི་བདེ་བསྐྲུན་
ཁ་བ་ཡི་འཇིག་རྟེན་ རབ་དཀར་གྱི་ལས་དབང་
ལས་དང་རྒྱུ་འབྲས་ སེམས་ཀྱི་ནོར་བུ་
དྭངས་གཙང་གི་ཆུ་མོའི་ནང་དུ་ཉ་ཆུང་གསེར་མིག་གི་རྒྱན་ཆ་སྤྲད་ཞག་
ཟོལ་མེད་ཀྱི་མཛུམ་ཆུང་ནང་དུ་ང་ཚོའི་སེམས་ཁོངས་ཀྱི་གླུ་ཆུང་ལེན་ཡོད་
སྤྲེལ་རྒན་བྱང་ཆུབ་སེམས་པའི་གདུང་རྒྱུད་
ཤ་རུས་གཅིག་ལས་གྲུབ་པའི་སྤུན་ཟླ་ལགས་
མི་ཆོས་དགེ་བ་བཅུ་ལ་འབད་བརྩོན་
རྡིག་པ་ཀུན་དུ་སྤངས་ནས་ཞི་བདེ་བསྐྲུན་
ཁ་བ་ཡི་འཇིག་རྟེན་ རབ་དཀར་གྱི་ལས་དབང་
ལས་དང་རྒྱུ་འབྲས་ སེམས་ཀྱི་ནོར་བུ་
《酥油灯的祝福》
更多>

多布最新专辑

更多>

多布最新歌曲