阿玛拉歌词
作词 : 多布
作曲 : 多布
༼ཨ་མ་ལགས་༽
ཚིག་གདངས་ རྡོ་པོ་
གཏོང་མཁན་ རྡོ་པོ་དང་འཇིགས་རྡོར་
བསྒྲིགས་བཟོ་ སི་ཆིང་པ་ཐར་
ང་ཡི་བརྩེ་བའི་ཡིད་འོང་གི་ཨ་མ་ལ་
ལོ་ཟླའི་ཁྱེད་ཀྱི་དབུ་སྐྲ་དེ་དཀར་པོར་གྱུར་
ཁྱེད་ཀྱི་མི་ཚེ་བུ་ཆུང་ང་ཡི་ཆེད་དུ་
ང་ཡི་བརྩེ་བའི་བྱམས་སེམས་ཀྱི་ཨ་མ་ལགས་
ལོ་ཟླའི་ཁྱེད་ཀྱི་ཞལ་རས་དེ་གཉེར་མས་སྒྲིབ་
ཁྱེད་ཀྱི་མི་ཚེ་བུ་ཆུང་ང་ཡི་ཆེད་དུ་
ཨ་མ་ལགས་ བུ་ངའི་ཤེས་རབ་ཀྱི་སྒྲོན་མེ་ཨ་མ་ཁྱེད་ཀྱི་གནང་
ཨ་མ་ལགས་ བུ་ངའི་མི་ཚེ་ཡི་ལམ་བུ་ཨ་མ་ཁྱེད་ཀྱི་གནང་
间奏
ང་ཡི་བརྩེ་བའི་ཡིད་འོང་གི་ཨ་མ་ལ་
ལོ་ཟླའི་ཁྱེད་ཀྱི་དབུ་སྐྲ་དེ་དཀར་པོར་གྱུར་
ཁྱེད་ཀྱི་མི་ཚེ་བུ་ཆུང་ང་ཡི་ཆེད་དུ་
ཨ་མ་ལགས་ བུ་ངའི་ཤེས་རབ་ཀྱི་སྒྲོན་མེ་ཨ་མ་ཁྱེད་ཀྱི་གནང་
ཨ་མ་ལགས་ བུ་ངའི་མི་ཚེ་ཡི་ལམ་བུ་ཨ་མ་ཁྱེད་ཀྱི་གནང་
བུ་གསུམ་བཙས་པའི་སྐྱེ་མ་སྐྱེ་མ་
བུ་ཕྲུག་བུ་ཕྲུག་ནོར་བུ་སངས་རྒྱས་
ཁྱེད་ཀྱི་གཅེས་པའི་ལང་འཚོ་ལང་འཚོ་
བུ་ཕྲུག་བུ་ཕྲུག་མདུན་ལམ་ཆེད་དུ་འབད་
བུ་གསུམ་བཙས་པའི་སྐྱེ་མ་སྐྱེ་མ་
བུ་ཕྲུག་བུ་ཕྲུག་ནོར་བུ་སངས་རྒྱས
ཁྱེད་ཀྱི་རིན་བྲལ་མི་ཚེ་མི་ཚེ་
བུ་ཕྲུག་བུ་ཕྲུག་མདུན་ལམ་ཆེད་དུ་འབད
ཨ་མ་ལགས་ བུ་ངའི་ཤེས་རབ་ཀྱི་སྒྲོན་མེ་ཨ་མ་ཁྱེད་ཀྱི་གནང་
ཨ་མ་ལགས་ བུ་ངའི་མི་ཚེ་ཡི་ལམ་བུ་ཨ་མ་ཁྱེད་ཀྱི་གནང
歌词大意: