迷茫歌词
作词 : 多布
作曲 : 多布
༼རབ་རིབ་༽
ཚིག་གདངས་ རྡོ་པོ་
གཏོང་མཁན་ རྡོ་པོ་ འཇིགས་རྡོར་ སྐར་མ་སྐལ་བཟང་
བསྒྲིགས་བཟོ་ སི་ཆིང་པ་ཐར་
ང་ཡི་སྦ་ཁུག་ནང་ལ་དངུལ་ལོ་མང་པོ་
ང་ཡི་བསྡད་ས་དེ་ནི་ཤོ་བག་རྒྱན་འཛུགས་ནང་་ལ
ང་ཡི་གྱོན་ཆས་དེ་ནི་གྲགས་ཅན་མཚོན་རྟགས་
ང་ཡི་དབང་ཐང་དེ་ལ་ཀུན་གྱི་ཡིད་དབང་འཕྲོག་སོང་
ཡིན་ནའི་ང་ཡི་ལས་དབང་དེ་ནི་
རབ་རིབ་ཀྱི་བདེ་བ་ཕྲན་ཙམ་
གསེར་གྱི་ཕོར་པ་གནམ་ལ་སྟེག་ཀྱང་
མཆོད་ཆང་གང་ཡང་མཆོད་ལོན་མི་འདུག་
ལས་ཀྱི་བུ་ཆུང་ཁྱེད་དང་འཕྲད་བྱུང་
ལ་ནི་སྙིང་གཏམ་ཚིག་གསུམ་བཤད་ལོན་མི་འདུག་
ང་ཡི་སྦ་ཁུག་ནང་ལ་དངུལ་ལོ་མང་པོ་
ང་ཡི་བསྡད་ས་དེ་ནི་ཤོ་བག་རྒྱན་འཛུགས་ནང་་ལ
ང་ཡི་གྱོན་ཆས་དེ་ནི་གྲགས་ཅན་མཚོན་རྟགས་
ང་ཡི་དབང་ཐང་དེ་ལ་ཀུན་གྱི་ཡིད་དབང་འཕྲོག་སོང་
ཡིན་ནའི་ང་ཡི་ལས་དབང་དེ་ནི་
རབ་རིབ་ཀྱི་བདེ་བ་ཕྲན་ཙམ་
གསེར་གྱི་ཕོར་པ་གནམ་ལ་སྟེག་ཀྱང་
མཆོད་ཆང་གང་ཡང་མཆོད་ལོན་མི་འདུག་
ལས་ཀྱི་བུ་ཆུང་ཁྱེད་དང་འཕྲད་བྱུང་
ལ་ནི་སྙིང་གཏམ་ཚིག་གསུམ་བཤད་ལོན་མི་འདུག་
ཉི་མ་གཅིག་སོང་གཉིས་སོང་གསུམ་སོང་
ལ་ནི་ཁྱེད་ཀྱི་འདོད་བློ་ཆེ་རུ་ཆེ་རུ་
མི་ལུས་རིན་ཆེན་ཐོབ་པར་དགའ་ཡང་
དོན་དང་་སྙིང་པོ་གར་སོང་མི་འདུག་
གླུ་དེ་གསན་པའི་གྲོགས་པོ་རྣམ་པ་
ཁྱེད་ཀྱི་ཐུགས་ལ་དེ་ལྟརའཇོག་དང་
རྩ་ཆེན་མི་ལུས་རིན་ཆེན་ཐོབ་དུས་
ལ་ནི་དོན་སྙིང་ལས་ལ་ཕྲན་ཙམ་འབད་དང་
《迷茫》