贵南赞歌歌词
མང་རྫོང་དམག་གི་བུ་རྒྱུད།
ཚིག རྨེ་རུ་སོན་གསར།
དབྱངས། གདུགས་དཀར་རྒྱལ།
ལེན་མཁན། དབང་རྒྱལ།
ཨ་མྱེས་བྲག་དཀར་ཤར་གྱི་དམག་དཔོན་ཡིན། །
ཁེ་རབ་དཔག་ཆེན་ལྷོ་ཡི་བཀའ་སྲུང་ཡིན། །
ཀྱེ་ཕུར་རྫ་རྒན་ནུབ་ཀྱི་རུ་འདྲེན་ཡིན། །
བྱ་གཞུང་ཁྱུང་ཟོར་བྱང་གི་བསྟན་སྲུང་ཡིན། །
མཁའ་འགྲོ་བརྒྱ་རྩ་ནང་གི་སྲོག་ཤིང་ཡིན། །
སྣོད་ཀྱི་བཀོད་པ་མཐའ་ཡི་རྫ་རི་འདི། །
མང་རྫོང་བསྐོར་བའི་ཕྱི་ཡི་ལྕགས་རི་དང་། །
མཐོ་སྒང་འདི་ཡི་མཁར་གྱི་ཐོག་མ་ཡིན། །
མང་རྫོང་བསྐོར་བའི་ཕྱི་ཡི་ལྕགས་རི་དང་། །
མཐོ་སྒང་འདི་ཡི་མཁར་གྱི་ཐོག་མ་ཡིན། །
མང་རྫོང་བསྐོར་བའི་ཕྱི་ཡི་ལྕགས་རི་དང་། །
མཐོ་སྒང་འདི་ཡི་མཁར་གྱི་ཐོག་མ་ཡིན། །
མགོ་མང་གཡང་ར་ཤར་གྱི་གཞི་འཛིན་ཡིན། །
སུམ་མདོ་འབྲོག་ཐང་ལྷོ་ཡི་གླིང་རྒྱུད་ཡིན། །
ཐར་ཤུལ་སྐྱིད་སྡེ་ནུབ་ཀྱི་ལྡོང་ཚ་ཡིན། །
བྱ་གཞུང་རོང་ས་བྱང་གི་དཔའ་རྒྱུད་ཡིན། །
མང་ཡུལ་གསེར་གཞོང་ནང་གི་སྲོག་ཤིང་ཡིན། །
བཅུད་ཀྱི་འགྲོ་བ་ཞོ་ལྟར་ཆགས་པ་འདི། །
མང་རྫོང་འཕེལ་བའི་ཕ་རྒྱུད་བུ་རབས་དང་། །
གདོང་དམར་བོད་ཀྱི་དམག་གི་བུ་རྒྱུད་ཡིན། །
མང་རྫོང་འཕེལ་བའི་ཕ་རྒྱུད་བུ་རབས་དང་། །
གདོང་དམར་བོད་ཀྱི་དམག་གི་བུ་རྒྱུད་ཡིན། །
མང་རྫོང་འཕེལ་བའི་ཕ་རྒྱུད་བུ་རབས་དང་། །
གདོང་དམར་བོད་ཀྱི་དམག་གི་བུ་རྒྱུད་ཡིན། །
གདོང་དམར་བོད་ཀྱི་དམག་གི་བུ་རྒྱུད་ཡིན། །