新潮拉伊-爱你歌词
ས་སྲང་དཀར་མཛོ་ལུང་གོང་མ་ན།།
མཛོ་ཡོད་ནོ་ཀ་ཁྱ་རྒྱ་ཁྱ་རེད།།
རྭ་སྐྱེས་ནོ་བ་སོའི་ཐུར་མ་རེད།།
ཚེ་གང་གི་རྒས་མཛོད་ཉན་རྒྱུ་ན།།
ས་ཚོང་ལམ་རིང་རུང་མི་སྡུག་གི།
དགྲ་ཇག་པ་བཙན་ནོ་མི་སྐྲག་གི།
དགྲ་ཇག་པ་བཙན་ནོ་མི་སྐྲག་གི།
ས་སྡེ་ཆེན་རྩེད་ར་ཞོལ་མ་ནས།།
རོགས་བརྩེ་ནོ་བཅོ་ལྔ་ཉི་ཤུ་རེད།།
ཚིག་བཤད་ནོ་རྗེ་བཙུན་མགུར་མ་རེད།།
ཚེ་གང་གི་བརྩེ་རོགས་ཉན་རྒྱུས་ན།།
སྡེ་ཁ་ཐག་རིང་རུང་མི་སྡུག་གི།
གླིང་མྱི་ཁ་བཙན་ནོ་མི་སྐྲག་གི།
གླིང་མྱི་ཁ་བཙན་ནོ་མི་སྐྲག་གི།
གླིང་མྱི་ཁ་བཙན་ནོ་མི་སྐྲག་གི།