永恒曲歌词
作词 : རྨོག་རུ་ཤེས་རབ་རྡོ་རྗེ།
作曲 : ཞེད་པོ།
གཞས་པ། ཞེད་པོ།
༼མི་འཇིག་པའི་གླུ།༽
ཉིན་དང་མཚན ཆུ་ཚོད་རེ་རེ
སྐར་ཆ་རེ་རེའི་ཁྲོད བསམ་བློ་བཏང་གིན་བཏང་གིན
གཏམ་དང་ཚིག སྐད་ཆ་རེ་རེ
ལེགས་བཤད་རེ་རེ་བཞིན
ཡིད་ལ་སྒོམ་གྱིན་སྒོམ་གྱིན
ཆེས་བློས་མི་ཐོངས་པ་ནི་རང་ཉིད་མ་རེད
ཕོ་མོའི་བརྩེ་དུང་མ་རེད
དེ་ནི་རྣམ་ཤེས་ཀྱི་ཁམས་སུ་ཟུག་ཅིང
འཚར་ལོངས་ཀྱི་ལོ་རིམ་ཁྲོད
བྱམས་བརྩེས་སྐྱོང་བའི དཀའ་ཁག་གིས་སྐྱོང་བའི
བདེན་པའི་ལེགས་བཤད་བསྩོལ་བའི་ཨ་མ་ལགས་རེད