牧羊姑娘歌词
ལུག་རྫིའི་བུ་མོ་
ཚེ་རིང་བསམ་གྲུབ
༄།།།མཛེས་པའི་རྩྭ་ཐང་མེ་ཏོག་སྣ་ཚོགས་
རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་
སེམས་པ་འཁོར་ས་བུ་མོ་ཁྱེད་ལས་མེད་
མཛེས་པའི་རྩྭ་ཐང་མེ་ཏོག་སྣ་ཚོགས་
རྟ་ནོར་ལུག་གསུམ་ནམ་མཁའི་སྐར་ཚོགས་
སེམས་པ་འཁོར་ས་བུ་མོ་ཁྱེད་ལས་མེད་
ཆུང་འདྲིས་ལུག་རྫིའི་བུ་མོ་ལགས་
མཛེས་མ་ལུག་རྫིའི་བུ་མོ་ལགས་
སེམས་པ་དགའ་ནས་ཉིན་དང་དུས་ཚོད་སོང་
ཆུང་འདྲིས་ལུག་རྫི་བུ་མོ་ལགས་
རེ་སྒུག་བྱས་ནས་ལོ་དང་ཟླ་བ་སོང་
མཛེས་མ་ལུག་རྫི་བུ་མོ་ལགས་
བུ་མོ་བུ་མོ་ཁྱོད་ལས་མཛེས་པ་མེད་
ནང་སེམས་མཛེས་པ་སྒྲོལ་མ་དཀར་པོ་འདྲ་
བུ་མོ་བུ་མོ་ཁྱོད་ལས་མཛེས་པ་མེད་
སྐུ་གཟུགས་མཛེས་པ་ནམ་མཁའི་ལྷ་མོ་འདྲ་
བུ་མོ་བུ་མོ་ཁྱོད་ལས་མཛེས་པ་མེད་
སྐད་ངག་སྙན་མོ་ཁུ་བྱུག་གསུང་སྐད་འདྲ་
བུ་མོ་བུ་མོ་བུ་མོ་བུ་མོ་
ཁྱེད་ནི་བོད་ཀྱི་བུ་མོ་མཛེས་མ་རེད་
མཛེས་པའི་སྦྲ་གུར་མཐོན་པོའི་རྫ་རི་
སྦྲང་དཀར་རྩམ་པ་ཤ་མར་ཐུད་གསུམ་
སེམས་པ་མཐུན་ས་བུ་མོ་ཁྱེད་ལས་མེད་
མཛེས་པའི་སྦྲ་གུར་མཐོན་པོའི་རྫ་རི་
སྦྲང་དཀར་རྩམ་པ་ཤ་མར་ཐུད་གསུམ་
སེམས་པ་མཐུན་ས་བུ་མོ་ཁྱེད་ལས་མེད་
ཆུང་འདྲིས་ལུག་རྫིའི་བུ་མོ་ལགས་
མཛེས་མ་ལུག་རྫིའི་བུ་མོ་ལགས་
སེམས་པ་སེམས་ལ་མི་འགྱུར་རྡོ་རྗེ་ཡིན་
ཆུང་འདྲིས་ལུག་རྫི་བུ་མོ་ལགས་
མི་ཚེ་མཉམ་སྐྱེལ་བདེ་སྐྱིད་འཚོ་བར་རོལ་
མཛེས་མ་ལུག་རྫིའི་བུ་མོ་ལགས་
བུ་མོ་བུ་མོ་ཁྱོད་ལས་མཛེས་པ་མེད་
གཤིས་ཀ་འཇམ་ལ་ལུ་གུའི་ཚ་རུ་འདྲ་
བུ་མོ་བུ་མོ་ཁྱོད་ལས་མཛེས་པ་མེད་
མིག་ཟུང་ཡག་ལ་ནམ་མཁའི་སྐར་མ་འདྲ་
བུ་མོ་བུ་མོ་ཁྱོད་ལས་མཛེས་པ་མེད་
ཀུན་ལ་མཐུན་པའི་བྱང་ཆུབ་སེམས་པ་ཡོད་
བུ་མོ་བུ་མོ་བུ་མོ་བུ་མོ
ཁྱེད་ནི་བོད་ཀྱི་བུ་མོ་མཛེས་མ་རེད་
བུ་མོ་བུ་མོ་ཁྱོད་ལས་མཛེས་པ་མེད་
གཤིས་ཀ་འཇམ་ལ་ལུ་གུའི་ཚ་རུ་འདྲ་
བུ་མོ་བུ་མོ་ཁྱོད་ལས་མཛེས་པ་མེད་
མིག་ཟུང་ཡག་ལ་ནམ་མཁའི་སྐར་མ་འདྲ་
བུ་མོ་བུ་མོ་ཁྱོད་ལས་མཛེས་པ་མེད་
ཀུན་ལ་མཐུན་པའི་བྱང་ཆུབ་སེམས་པ་ཡོད་
བུ་མོ་བུ་མོ་བུ་མོ་བུ་མོ་
ཁྱེད་ནི་བོད་ཀྱི་བུ་མོ་མཛེས་མ་རེད་