歌词塔 搜索歌曲

西藏的孩子歌词

歌手:巴金旺甲 专辑:西藏的孩子

བོད་ཀྱི་གཅེས་ཕྲུག
ཚིག ལྷ་བྱམས་རྒྱལ།
གདངས། ཏན་ཏན། པ་ཡག དཔལ་ཆེན་དབང་རྒྱལ།
གཞས་པ། དཔལ་ཆེན་དབང་རྒྱལ།
ཁྱེད་ཀྱི་སྐྲ་ལོ་སྒུལ་མཁན་བསིལ་རླུང་མ་རེད།
ཤོར་ནས་འགྲོ་བའི་ལོ་ཟླ་རེད།
ཁྱེད་ཀྱི་མིག་ནང་ལ་འཁྱིལ་བ་མཆི་མ་མ་རེད།
མངར་ལ་སྐྱུར་བའི་འཚོ་བ་རེད།
རྒྱང་རིང་ས་མཐར་འཁྱིལ་བའི་མཚོ་མོར།
རླབས་འོད་འཚེར་འཚེར།
ཉེ་སའི་ཕོ་བྲང་ཡང་རྩེའི་དྲིལ་ཆུང་།
སྒྲ་སྙན་སིལ་སིལ།

ཁྱེད་ཀྱི་ལག་མཐིལ་ནས་ཞུ་བ་ཁ་བ་མ་རེད།
ཡབ་མེས་རྣམ་པའི་རྨི་ལམ་རེད།
ཁྱེད་ཀྱི་ངོ་གདོང་དུ་གཞད་པ་འཛུམ་མདངས་མ་རེད།
ཡིད་དུ་འོང་བའི་ཡིད་རྟོན་རེད།
མཐོ་སར་བཙུགས་པའི་རླུང་སྐྱེད་དར་ལྕོག
དར་ལྕེ་ལྷབ་ལྷུབ།
དམའ་སར་འགྲོ་བའི་བོད་པའི་མི་ཚོགས།
འཚང་ཁ་ཤིག་ཤིག

ཁྱོད་ནི་ལོ་ཟླའི་གསེང་ན་མིག་ཆུ་བཞུར་བའི་གཅེས་ཕྲུག་རེད།
རླབས་འོད་དེ་མིག་ནང་ལ་འཚེར་ཡོད།
དྲིལ་ཆུང་དེ་ཡང་སེམས་ནང་ལ་གྲགས་ཡོད།
ཁྱེད་ནི་བོད་ཀྱི་གཅེས་ཕྲུག་རེད།
བོད་ཀྱི་གཅེས་ཕྲུག་ཡང་ཁྱོད་རེད།
མཐོ་སར་བཙུགས་པའི་རླུང་སྐྱེད་དར་ལྕོག
དར་ལྕེ་ལྷབ་ལྷུབ།
དམའ་སར་འགྲོ་བའི་བོད་པའི་མི་ཚོགས།
འཚང་ཁ་ཤིག་ཤིག

更多>

巴金旺甲最新专辑

更多>

巴金旺甲最新歌曲