歌词塔 搜索歌曲

阿若布姆歌词

ཨ་རོགས་བུ་མོ།
ཚིག ཨ་ནུ་རིང་ལུགས།(ANU)
དབྱངས། དཔལ་ཆེན་དབང་རྒྱལ།
ཨ་རོགས་བུ་མོ་མ་འགྲོ་རེ་ཞིག་སྒུག
ཕྱི་མིག་ལྟོས་དང་ང་རང་ཡོང་བཞིན་ཡོད།
ཁྱོད་ཀྱི་བློ་སེམས་གང་གི་ཕྱོགས་སུ་ཡོད་ན་ཡང་།
གང་ལྟར་དགའ་བའི་སྨན་ཆུང་ཁྱེད་རང་ཡིན།
དགའ་བའི་སྨན་ཆུང་བུ་མོ་ཁྱེད་རང་ལས་ཀྱང་མེད།
ཨ་རོགས་བུ་མོ་སྒུག་དང་མཉམ་དུ་འགྲོ།
འཛུམ་ཞིག་སྟོན་དང་ང་རང་ཡོང་བཞིན་ཡོད།
ཁྱོད་ཀྱི་མཛེས་སྡུག་སུ་ཡི་ཆེད་དུ་ཡིན་ན་ཡང་།
གང་ལྟར་ང་རང་མཉམ་དུ་ཡོང་བཞིན་ཡོད།
གང་ལྟར་མཉམ་དུ་མཛའ་གཞས་གཏོང་བཞིན་ཡོང་བཞིན་ཡོད།
རྟ་དེ་ལ་ཨ་བདེ་དགུ་བདེ་དགུ་བ་ཡང་བདེ།
གསུམ་པ་བཞི་བདེ་ལྔ་ལྔ་དྲུག་དྲུག།འབབ་ཆེན་འབབ་ཆུང་།
ལ་བརྒྱབ།ཐུར་འབབ།རྩྭ་ཟ་ཆུ་འཐུང་།ཁ་ཡང་སོ་བུས།
རྟེ་མ་རྟེའུ་ཕྲུགདེ་ལ་མ་འབབ།དེ་ལ་བབས།དེ་ལ་བབས།
ཨ་རོགས་བུ་མོ།ཨ་རོགས་བུ་མོ།ཁྱོད་ལ་བབས་འདུག
ཨ་རོགས་བུ་མོ་མ་འགྲོ་རེ་ཞིག་སྒུག
ཕྱི་མིག་ལྟོས་དང་ང་རང་ཡོང་བཞིན་ཡོད།
ཁྱོད་ཀྱི་བློ་སེམས་གང་གི་ཕྱོགས་སུ་ཡོད་ན་ཡང་།
གང་ལྟར་དགའ་བའི་སྨན་ཆུང་ཁྱེད་རང་ཡིན།
དགའ་བའི་སྨན་ཆུང་བུ་མོ་ཁྱེད་རང་ལས་ཀྱང་མེད།
གང་ལྟར་དགའ་བའི་སྨན་ཆུང་ཁྱེད་རང་ཡིན།
དགའ་བའི་སྨན་ཆུང་བུ་མོ་ཁྱེད་རང་ལས་ཀྱང་མེད།
རྩྭ་ཟ་ཆུ་འཐུང་།ཁ་ཡང་སོ་བུས།
རྟེ་མ་རྟེའུ་ཕྲུག།དེ་ལ་མ་འབབ།དེ་ལ་བབས།
ཨ་རོགས་བུ་མོ་ཁྱོད་ལ་བབས་འདུག
བབས་པའི་ལན་ལ་སྙིང་གི་ཚིག་གསུམ་ང་ལ་ཤོད་དང་།
ཡང་ན་ཁྱོད་ཀྱིས་གཞས་ཤིག་གཏོང་དང་
ངེད་གཉིས་བར་གྱི་ལས་དབང་མཐུན་པའི་གཞས་ཤིག་གཏང་ཤོག
ཨ་རོགས་བུ་མོ་ཁྱོད་ལ་བབས་འདུག
བབས་པའི་ལན་ལ་སྙིང་གི་ཚིག་གསུམ་ང་ལ་ཤོད་དང་།
ཡང་ན་ཁྱོད་ཀྱིས་གཞས་ཤིག་གཏོང་དང་
ངེད་གཉིས་བར་གྱི་ལས་དབང་མཐུན་པའི་གཞས་ཤིག་གཏང་ཤོག
ཨ་རོགས་བུ་མོ་སྒུག་དང་མཉམ་དུ་འགྲོ།
འཛུམ་ཞིག་སྟོན་དང་ང་རང་ཡོང་བཞིན་ཡོད།
ཁྱོད་ཀྱི་མཛེས་སྡུག་སུ་ཡི་ཆེད་དུ་ཡིན་ན་ཡང་།
གང་ལྟར་དགའ་བའི་སྨན་ཆུང་ཁྱེད་རང་ཡིན།
更多>

巴金旺甲最新专辑

更多>

巴金旺甲最新歌曲