歌词塔 搜索歌曲

心中的姑娘歌词

歌手:桑杰加 专辑:心中的姑娘

作词 : 琼藏
作曲 : 旦旦
ཁྱེད་ནི་ང་ཡི་རྨི་ལམ།
ཁྱེད་ནི་ང་ཡི་ནོར་བུ།
མ་བཅོས་སྙིང་དབུས་ལ་ཐེབས་པའི་མདུད་པ་ཡིན།
དྲན་པའི་མཁའ་ལ་རྩེན་པའི།
ཡིད་འོང་གི་གཤོག་ཡ་ཡིན།
ང་དགའ་དུས་འཛུམ་མདངས་བསྟན་ཡོད།
སྐྱོ་དུས་སེམས་པ་གླན་ཡོད།
ལས་སྨོན་ཞགས་པ་ཡིས་ཟིན་པའི།
ཡིད་འོང་རྨི་ལམ་གྱི་མཛེས་རྒྱན་དུ་འབར་བའི་ཁྱོད།
གློ་བུར་འདུ་འབྲལ་གྱི་མཐའ་ལ།
རྒྱུ་མཚན་ཅིའི་ཕྱིར་དུ་ཆས་སོང་།
ཁྱེད་རང་དྲན་པའི་ཉི་མ་ལོ་ལས་རིང་།
ཨ། སེམས་ཁོང་གི་ལྷ་མོ།
སེམས་ཁོང་གི་ལྷ་མོ།
དྲན་གདུང་གི་མནར་གཅོད་ཁ་བ་ལ།
སེམས་ཁོང་གི་ལྷ་མོ།
ཁྱེད་རང་མེད་པས་སྤོབས་པའི་མགོ་བོ་དུད་ཡོད།
སྙིང་སྡུག་མ།
་་་ ་་་
སྐྱོ་དུས་སེམས་པ་གླན་ཡོད།
ལས་སྨོན་ཞགས་པ་ཡིས་ཟིན་པའི།
ཡིད་འོང་རྨི་ལམ་གྱི་མཛེས་རྒྱན་དུ་འབར་བའི་ཁྱོད།
གློ་བུར་འདུ་འབྲལ་གྱི་མཐའ་ལ།
རྒྱུ་མཚན་ཅིའི་ཕྱིར་དུ་ཆས་སོང་།
ཁྱེད་རང་དྲན་པའི་ཉི་མ་ལོ་ལས་རིང་།
ཨ། སེམས་ཁོང་གི་མཛའ་མོ།
སེམས་ཁོང་གི་མཛའ་མོ།
ཕྱིར་དྲན་གྱི་ཁུར་བོ་ལྕི་བ་ལ།
སེམས་ཁོང་གི་མཛའ་མོ།
ཁྱེད་རང་དྲན་པས་ཟས་ཀྱི་ཡི་ག་འགག་ཡོད།
སྙིང་སྡུག་མ།
་་་ ་་་
སེམས་ཁོང་གི་ལྷ་མོ།
སེམས་ཁོང་གི་ལྷ་མོ།
དྲན་གདུང་གི་མནར་གཅོད་ཁ་བ་ལ།
སེམས་ཁོང་གི་ལྷ་མོ།
ཁྱེད་རང་མེད་པས་སྤོབས་པའི་མགོ་བོ་དུད་ཡོད།
སྙིང་སྡུག་མ།
་་་ ་་་
སེམས་ཁོང་གི་ལྷ་མོ།
ཁྱེད་རང་མེད་པས་སྤོབས་པའི་མགོ་བོ་དུད་ཡོད།
སྙིང་སྡུག་མ།



更多>

桑杰加最新专辑

更多>

桑杰加最新歌曲