圣地·曲麻莱歌词
作词 : 曲麻·巴德仁青
作曲 : 娘措·尕松索昂
གནས་མཆོག·ཆུ་དམར་ལེབ།
ཚིག།དཔལ་ལྡན་རིན་ཆེན།
དབྱངས།སྐལ་བཟང་བསོད་ནམས།
གཞས་པ།དཔལ་ལྡན་རིན་ཆེན།
སྦྲང་དཀར་རྩམ་པ་ང་ཡི་ཁ་ཟས་ཡིན།
སྦྲ་ནག་གྲུ་བཞི་ང་ཡི་ཕ་ཁྱིམ་ཡིན།
རྟ་ནོར་ལུག་གསུམ་ང་ཡི་སྒོ་ཕྱུག་ཡིན།
ཆུ་དམར་རྩྭ་ཐང་ང་ཡི་ཕ་ཡུལ་ཡིན།
སྒ་སྟོད་ཇོ་བོ་ང་ཡི་བླ་རི་ཡིན།
དབྱངས་གསལ་སོ་བཞི་ང་ཡི་སྙིང་ནོར་ཡིན།
སེམས་ཀྱི་ཞི་བདེ་ང་ཡི་ལོངས་སྤྱོད་ཡིན།
ཆུ་དམར་ལྷ་སྡེ་ང་ཡི་ཕ་ཡུལ་ཡིན།
དཀར་པོ་ཆོས་ཀྱི་བསྟན་པ་དར་ས་ཡིན།
སེར་པོ་གསེར་གྱི་འབྲས་བུ་སྨིན་ས་ཡིན།
སྨུན་་པོ་གདོང་གི་རིགས་རྒྱུད་འཕེལ་ས་ཡིན།
གནས་མཆོག་ཆུ་དམར་ཡར་རྒྱས་ཡོང་བ་ཤོག།