歌词塔 搜索歌曲

秀巴歌词

歌手:仁增太 专辑:桑周传

作词 : 琼桑
作曲 : 尕太加
ཤུག་པ།
 གླུ་ཚིག ཁྱུང་བཟང།
དབྱངས། དཀའ་ཐུབ་རྒྱལ།
རོལ་མོ། དཀའ་ཐུབ་རྒྱལ། 
གཞས་པ། རིག་འཛིན་ཐར།
འབྲུ་ཤུག་རྩ་བ་བྲག་དམར་ཐེམ་ནས་རྒྱས།།
ཙད་ནག་ཀླད་ནས་འཁོར་ཀྱང་རུང་།།
འབྲུ་ཤུག་རྩེ་མོ་སྤྲིན་པའི་ཀློང་ན་གཡོ།།
རླུང་ནག་ས་ནས་འཚུབ་ཀྱང་རུང་། 
འབྲུ་ཤུག་རྩེ་བརྒྱའི་ལང་ཚོ།།
མི་འགྱུར་སྲོག་གིས་བཟུང་ཡོད།།
སྤྱང་ཚོགས་ངར་སྐད་དབུས་ན།།
འཇག་སྐྱའི་ཤུགས་གླུའི་ཁྲོད་ན།།
གཡང་ཁྱིམ་བསང་གི་མེ་ཁ།།
ལྷ་ཤིང་ཤུག་པས་གསོས་ཡོད།།
དད་པའི་ཟུག་གཟེར་ཁྲོད་ན།།
སྨོན་པའི་ངུ་ངག་བར་ན།།
ལྷ་ཤིང་འབྲུ་ཤུག་སྔོན་མོ།།
མི་གཙང་འཇོམས་པའི་མཚོན་ཆ།།
ལྷ་ཤིང་འབྲུ་ཤུག་སྔོན་མོ།།
ལེགས་ཚོགས་འདྲེན་པའི་ཤིང་རྟ།།
འབྲུ་ཤུག་རྩ་བ་བྲག་དམར་ཐེམ་ནས་རྒྱས།།
ཙད་ནག་ཀླད་ནས་འཁོར་ཀྱང་རུང་།།
འབྲུ་ཤུག་རྩེ་མོ་སྤྲིན་པའི་ཀློང་ན་གཡོ།།
རླུང་ནག་ས་ནས་འཚུབ་ཀྱང་རུང་། 
更多>

仁增太最新专辑

更多>

仁增太最新歌曲