感恩歌词
作词 : 丹增秋嘉
作曲 : 才仁永尕
ཡེ།
དགུང་གསེར་ཆེན་ཉི་མའི་བཀའ་དྲིན་གྱིས། །
དམའ་ས་གཞི་རྩི་ཤིང་མེ་ཏོག་བཞད། །
རྟ་ནོར་ལུག་འཕེལ་ཁ་ཡར་དར་རེད། །
དེ་ཡང་ཡང་འཕེལ་བའི་བཀྲ་ཤིས་ཤོག །
བསྭོ། ཅི་འདྲའི་དགའ་བ་ལ།
བསྭོ། ཅི་འདྲའི་སྤྲོ་བ་ལ།
དེ་ཡང་ཡང་འཕེལ་བའི་བཀྲ་ཤིས་ཤོག །
་་་ ་་་
ཡེ།
རྗེ་བླ་མ་དཔོན་པོའི་བཀའ་དྲིན་གྱིས། །
འབངས་ཆོས་སྡེ་ཡོངས་ལ་སྐྱབས་མགོན་མཛོད། །
ཆོས་མདོ་སྔགས་བསྟན་པ་ཡར་དར་རེད། །
དེ་ཡང་ཡང་བརྟན་པའི་བཀྲ་ཤིས་ཤོག །
བསྭོ། ཅི་འདྲའི་དགའ་བ་ལ།
བསྭོ ཅི་འདྲའི་སྤྲོ་བ་ལ།
དེ་ཡང་ཡང་བརྟན་པའི་བཀྲ་ཤིས་ཤོག །
་་་ ་་་
ཡེ།
དྲིན་ཕ་མ་བཟང་པོའི་བཀའ་དྲིན་གྱིས། །
རྒྱུ་ལོངས་སྤྱོད་དབྱར་མཚོ་རྒྱས་འདྲ་རེད། །
བུ་ཚ་བོ་བསོད་ནམས་ཡར་དར་རེད། །
དེ་ཡང་ཡང་དར་བའི་བཀྲ་ཤིས་ཤོག །
བསྭོ། ཅི་འདྲའི་དགའ་བ་ལ།
བསྭོ། ཅི་འདྲའི་སྤྲོ་བ་ལ།
དེ་ཡང་ཡང་དར་བའི་བཀྲ་ཤིས་ཤོག །
བསྭོ། ཅི་འདྲའི་དགའ་བ་ལ།
བསྭོ། ཅི་འདྲའི་སྤྲོ་བ་ལ།
དེ་ཡང་ཡང་དར་བའི་བཀྲ་ཤིས་ཤོག །
དེ་ཡང་ཡང་དར་བའི་བཀྲ་ཤིས་ཤོག །