歌词塔 搜索歌曲

故乡歌词

作词 : 无
作曲 : 无
༺ ཕ་ཡུལ། ༻
ཚིག་གདངས། ཉི་མ་ཚེ་རིང་།
གཞས་གཏོང་མཁན། བཀྲ་ཤིས་ཕུན་ཚོགས།
སྒྲ་འཇུག་སྒྲིག་བཟོ། ཞོའོ་གུང་།
རོལ་དབྱངས་སྒྲིག་བཟོ། ཞོའོ་ཧྥན།
རོལ་དབྱངས་བསྒྱུར་བཟོ། ལྷག་པ་དབང་འདུས།
ས་ཐག་རིང་གི་གནས་དེ་ན་ཡུལ་ཞིག་ཡོད།
ཡུལ་དེ་ལ་ངམ་འབྲོག་རིང་མོ་ཟེར།
ཡུལ་དེ་ལ་ཆགས་པའི་མཚོ་མོ་ཞིག་ཡོད།
མཚོ་མོ་དེ་ལ་ངམ་རིང་སྐྱེམས་མཚོ་ཟེར།
ཉིན་མཚན་ཀུན་དུ་དྲན་པའི།
ཐག་རིང་ང་ཡི་ཕ་ཡུལ།
དགོང་མོ་མལ་དུ་ཉལ་བའི།
རྨི་ལམ་ནང་ནས་མཇལ་བྱུང་།
རི་བོ་དཔུང་ཐང་ཤིག་ཤིག
དགའ་བའི་ཡུལ་དེ་སེམས་ནང་ལ་མཇལ་བྱུང་།
སྐྱེམས་མཚོ་ཕྱུགས་མོ་ང་ཡི་ལྷ་མཚོ།
སྐྱིད་པའི་ཡུལ་མཆོག་མཇལ་དུས།
དགའ་བའི་ངམ་རིང་དྲན་བྱུང་།
གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་།
ས་ཐག་རིང་གི་གནས་དེ་ན་ཡུལ་ཞིག་ཡོད།
ཡུལ་དེ་ལ་ངམ་འབྲོག་རིང་མོ་ཟེར།
ཡུལ་དེ་ལ་ཆགས་པའི་གནས་བཟང་ཞིག་ཡོད།
གནས་དེ་ལ་རི་བོ་བཀྲ་བཟང་ཟེར།
ཉིན་མཚན་ཀུན་དུ་དྲན་པའི།
ཐག་རིང་ང་ཡི་ཕ་ཡུལ།
དགོང་མོ་མལ་དུ་ཉལ་བའི།
རྨི་ལམ་ནང་ནས་མཇལ་བྱུང་།
ཕོ་གཞོན་དཔུང་ཐང་ཤིག་ཤིག
དགའ་བའི་ཡུལ་དེ་སེམས་ནང་ལ་མཇལ་བྱུང་།
དམན་ཆུང་བུ་མོ་གསུང་གཞས་སྙན་པ།
སྐྱིད་པའི་ཡུལ་མཆོག་མཇལ་དུས།
དགའ་བའི་ངམ་རིང་དྲན་བྱུང་།
རི་བོ་དཔུང་ཐང་ཤིག་ཤིག
དགའ་བའི་ཡུལ་དེ་སེམས་ནང་ལ་མཇལ་བྱུང་།
སྐྱེམས་མཚོ་ཕྱུགས་མོ་ང་ཡི་ལྷ་མཚོ།
སྐྱིད་པའི་ཡུལ་མཆོག་མཇལ་དུས།
དགའ་བའི་ངམ་རིང་དྲན་བྱུང་།
དགའ་བའི་ངམ་རིང་དྲན་བྱུང་།
ཨུའུ་་་་་
ཧ་་་་་་་་ཨ་་་་་་
ང་ཡི་ཕ་ཡུལ་་་་་་་
更多>

扎西平措最新专辑

更多>

扎西平措最新歌曲