Tocwa歌词
作词 : Italy
作曲 : Ozadu.Music
Tocwa
Italy
གོམ་པ་ འགོར་ཙམ་སྤོས་
དབུགས་ག་ལེར་བློས་
ངས་དུ་བའི་ནང་ལོག་ལྟ་གག་འཁྲིད་གུ་
ངཱ་བློས་སྐྱོལ་
གོམ་པ་ འགོར་ཙམ་སྤོས་
དབུགས་ག་ལེར་བློས་
ངས་འཚོ་བའི་ནང་ལོག་ལྟ་གག་འཁྲིད་གུ་
ངཱ་བློས་སྐྱོལ་
Italy ~
Verse1:
Italy སྐྱིད་ཤང་རེད་ཟེར་
ཁོ་ཚོའི་ཁ་ནས་ད་རྟག་པར་རེད་
ག་རེ་དགོས་གོག་ རག་ཆོག་ཆོག་
ཡིན་མདོག་མདོག་
ཁོང་ཚོས་བཤད་ཀྱང་རེད་
ང་རས་ང་རའི་དམིགས་ཡུལ་ཕུགས་བསམ་
ཁབ་རྩག་རྒྱབ་རྗེས་རྐང་པར་བྲིས་
ཁྱད་ཚོས་འདི་ཁྱད་མཚར་རེད་བསམ་ན་
ཧ་ཧཱ འདི་ང་ཚོའི་ཁྱད་པར་རེད་
ས་ ཆུ་ རི་ ལ་རྟེན་རྗེས་མི་བྱུང་པ་རེད་
མཐའ་མ་དེར་ང་ཚོའི་ལོག་སའི་ས་ཆ་
འདི་ རང་བྱུང་ཁམས་རེད་
བྱས་ཙང་དགའ་ཐག་ཆོད་རྗེས་མ་སྨྱོ་
ངུས་ རྗེས་མ་སྐྱོ་
ཐ་མག་གི་དུ་བ་དང་ སང་གི་དུ་བ་
གཉིས་ཅར་དུ་བ་རེད་ ཡིན་ནའི་
དུ་བ་དང་དུ་བ་ཡི་ཁྱད་པར་
ཧ་གོ་གི་འདུག་མིན་འདུག་
མགྱོགས་ཙམ་འགྲོ་མི་ཞོ་
ངའི་ཞུག་གུར་ལས་ཡོང་ངོ་
འོ་ ད་ད་དུང་ཁ་འདི་བཙུམ་རྗེས་
སྡོད་ཁན་ཡིན་པས་
འོ་ ད་ད་དུང་བཤད་མ་ནུས་པར་
སྡོད་ཁན་ཡིན་པས་
(ཐ་མག་གི་དུ་བ་
ངའི་མིད་པའི་ནང་ལོག་ཕྱིན་
ཡིན་ནའི་སང་གཏང་པའི་བྲོ་བ་
འདིས་ང་ཚོའི་ལམ་ཀག་འཁྲིད་)
གོམ་པ་ འགོར་ཙམ་སྤོས་
དབུགས་ག་ལེར་བློས་
ངས་དུ་བའི་ནང་ལོག་ལྟ་གག་འཁྲིད་གུ་
ངཱ་བློས་སྐྱོལ་
གོམ་པ་ འགོར་ཙམ་སྤོས་
དབུགས་ག་ལེར་བློས་
ངས་འཚོ་བའི་ནང་ལོག་ལྟ་གག་འཁྲིད་གུ་
ངཱ་བློས་སྐྱོལ་
Verse2:
ཆུའི་ནང་བླུགས་པའི་ཅི་ནི་
མིག་གས་མཐོང་གི་མ་རེད་
ཡིན་ནའི་མིག་གས་མ་མཐོང་ནའི་ལས་
ཁོའི་བྲོ་བ་མངར་མོ་རླག་ཡོ་མ་རེད་
ཧུར་ཐག་འབད་ཐག་བྱེད་པའི་ང་
ཁྱད་ཚོས་མཐོང་ཡོ་མ་རེད་
ཡིན་ནའི་དང་ཤོས་ཀྱི་ སེམས་ཤུགས་
འདི་ཆག་མྱོང་མེད་
ང་རས་ང་རང་རླག་མྱོང་མེད་
ཁ་དང་སྣ་ཁུང་པཱ་རུའུ་དེར་
ཁྱད་ཚོར་བལྟས་ཟེ་དགོས་ཡག་མིན་འདུག་
སྐྱག་རྫུན་བཤད་ཟེ་དགོས་ཡག་མིན་འདུག་
སྐད་ཆ་དེ་ཏོག་ཙམ་རྫོགས་ཡག་མིན་འདུག་
ཐམས་ཅད་ འགྲོ་བ་རིག་དྲུག་
དུ་བ་ནང་བཞིན་གྱི་སྐྱིད་སྡུག་
དོན་བདེ་པོ་ཡལ་བདེ་པོ་
སྨུག་པ་དང་མུན་ནག་
རང་གི་སེམས་འདི་མཁྲགས་ཙམ་བྱེད་དང་
རྨ་ཚང་མ་དྲག་ཐུབ་ཀྱི་རེད་
ཀག་ ཚང་མ་རླག་འགྲོ་གི་རེད་
ན་ཚ་ མི་ཚང་མས་མྱང་དགོས་ཁྱད་
ཡིན་ནའི་ ད་ཆ་
གནམ་སྔོན་པོ་དྭངས་རྗེས་བསྡད་
དུ་བས་བཀབ་པའི་འཚོ་བའི་
ནང་ལ་དངངས་སྐྲག་སྐྱེ་རྗེས་
གཡོལ་དགོས་མཱ་
རང་ལས་འཚབ་དགོས་མེད་པ་
ང་དང་མཉམ་པོར་ཞབས་བྲོ་
འཁྲབ་ན་དགའ་
སེམས་གནག་མ་ཎི་འདྲེན་པ་
ལས་ད་སེམས་བཟང་གླུ་དབྱངས་
གཏང་པ་ཡག་
རྗེས་ལ་འབྲས་བུ་ཐོབས་དགོས་ཡོད་ན་
སྔོན་དངུལ་ནག་གིས་
ཚྭ་བསགས་
སྨུག་པ་གཤིས་རྗེས་
དུ་བ་འདི་གས་བརྡབས་~Italy
ལྷགས་པ་སིར་པོ་
གདོང་སྒང་ལ་བརྒྱབ་~Italy
(ཐ་མག་གི་དུ་བ་
ངའི་མིད་པའི་ནང་ལོག་ཕྱིན་
ཡིན་ནའི་སང་གཏང་པའི་བྲོ་བ་
འདིས་ང་ཚོའི་ལམ་ཀག་འཁྲིད་)
གོམ་པ་ འགོར་ཙམ་སྤོས་
དབུགས་ག་ལེར་བློས་
ངས་དུ་བའི་ནང་ལོག་ལྟ་གག་འཁྲིད་གུ་
ངཱ་བློས་སྐྱོལ་
གོམ་པ་ འགོར་ཙམ་སྤོས་
དབུགས་ག་ལེར་བློས་
ངས་འཚོ་བའི་ནང་ལོག་ལྟ་གག་འཁྲིད་གུ་
ངཱ་བློས་སྐྱོལ་
歌词大意:放慢生活的脚步,
缓慢的呼吸走好人生的路,
生活中的喜怒哀乐终将烟消云散如同燃桑的烟雾,
你要做的就是踏实走好每一步,笑对人生中的挫折与苦难。