SAY·BA-བསད་པ།-赛吧歌词
作词 : 白玛旦增
作曲 : 白玛旦增
བསད་པ།
ཚིག པདྨ་བསྟན་འཛིན།
གདངས པདྨ་བསྟན་འཛིན
ལེན་མཁན པདྨ་བསྟན་འཛིན
༡
མཚམས་རེ་དགའ་རོགས་ཡིན་མདོག་མདོག
མཚམས་རེ་གྲོགས་མོ་ཡིན་མདོག་མདོག
བུ་མོ་དེ་ཡི་ཁྱད་མཚར་ལཱ།
བུ་མོ་དེ་ཡི་གཡོ་སྒྱུ་ལཱ།
ང་དངོས་གནས་སྨྱོན་པ་ཆགས་ས་རེད།
བུ་མོ་དེ་ཡི་ཁྱད་མཚར་ལཱ།
བུ་མོ་དེ་ཡི་གཡོ་སྒྱུ་ལཱ།
ང་དངོས་གནས་སྨྱོན་པ་ཆགས་ས་རེད།
ད་དངོས་གནས་བུ་མོ་འདིས་ང་བསད་པ།
ཞལ་རས་དཀར་གསལ་ལ་ཟླ་བ།
སྐུ་གཟུགས་རྩྭ་རིའི་སྨྱུག་མ།
འཇུར་རྟ་རྟིང་ཀ་ཙོག་ཙོག་གྱོན་བཞག
དེ་ལས་གཏད་བཟོ་འདོད་པ།
ད་དངོས་གནས་བུ་མོ་འདིས་ང་བསད་པ།
༢
མཚམས་རེ་བུ་མོ་སྣང་ས་འདྲ།
མཚམས་རེ་ཨ་ནེ་སྨྱོན་པ་ནང་བཞིན།
བུ་མོ་དེ་ཡི་ཁྱད་མཚར་ལཱ།
བུ་མོ་དེ་ཡི་གཡོ་སྒྱུ་ལཱ།
ང་དངོས་གནས་སྨྱོན་པ་ཆགས་ས་རེད།
བུ་མོ་དེ་ཡི་ཁྱད་མཚར་ལཱ།
བུ་མོ་དེ་ཡི་གཡོ་སྒྱུ་ལཱ།
ང་དངོས་གནས་སྨྱོན་པ་ཆགས་ས་རེད།
ད་དངོས་གནས་བུ་མོ་འདིས་ང་བསད་པ།
ཞལ་རས་དཀར་གསལ་ལ་ཟླ་བ།
ཡིན་ནའི་ཟླ་བ་འགྱུར་ལྡོག་མང་བ།
སྐུ་གཟུགས་རྩྭ་རིའི་སྨྱུག་མ།
ཡིན་ནའི་སྨྱུག་མ་ཕྱི་མཛེས་ཁོག་སྟོང་།
འཇུར་རྟ་ཏིང་ཀ་ཙོག་ཙོག་གྱོན་བཞག
ལམ་ལ་འཁྱར་རེ་འཁྱོར་རེ་རེད་བཞག
ད་དངོས་གནས་བུ་མོ་འདིས་ང་བསད་པ།
旁白:
དེས་ན། ཅོག་རང་གིས་ལབ་པའི་བསད་པ་ཟེར་བ་དེ་ཡང་སྙིང་ག་རེ་ལ་ཟེར་གྱི་ཡོག་རེད་པས།
ཧ་ཧ། ངས་ལབ་ཡས་དེ་མི་དང་མིའི་འབྲེལ་བ་ཟང་ཟིང་དང་འགྱུར་སླ་བའི་མིའི་རང་གཤིས་འདིས་ང་བསད་གྲབས་བྱེད་ཀྱི་ཟེར་གྱི་ཡོད།
འགན་ལྗིད་པོ་དེ་འདྲས་ཡོག་རེད་པས། ད་བསད་པ།
དཔྱིད་ཀའི་གནམ་གཤིས་དཔྱིད་ཀའི་གནམ་གཤིས་རེད།
ནམ་མཁའི་འཇའ་མཚོན་ནམ་མཁའི་འཇའ་མཚོན་ལ་རེད།
ད་དངོས་གནས་བུ་མོ་འདིས་ང་བསད་པ།
སྨྱོ་པ་སྨྱོ་པ་སྨྱོ་པ་འདུག་ག
བསད་པ་བསད་པ་བསད་པ་འདུག་ག