荷包巧绣 心想事成歌词
སེམས་ཀྱི་མཛའ་བོ།གཞས་མ།འོ་ཕྱུག་སྐྱིད།
གཞས་ཚིག་སྒྲིག་བཟོ།རྩེ་གཞུང་སྐར་མ་བདུད་འདུལ།
ཁྱོད་ནི་སྤང་ཆར་བསིལ་མ།
ངའི་ཞིང་ཁམས་སུ་བབས་བྱུང་།
ཁྱོད་ནི་མཆར་སྡུག་མེ་ཏོག
ངའི་རྩ་ཐང་དུ་བཞད་སོང་།
ཁྱོད་ཀྱི་ཡིད་འོང་མིག་ཟུང་གི་གདའ་མོས།
ང་ཡི་སེམས་པ་བརྟོལ་སོང་།
ཨ་ཧ་་་་་སེམས་ཀྱི་མཛའ་བོ།
ཁྱོད་ཀྱི་མིང་ནས་ག་ལེར་འབོད་དུས།
ཁྱོད་ནི་ངའི་དུས་བཞིའི་ཁྲོད།
ཡལ་བ་མེད་པའི་མཚར་སྡུག་དབྱིད་ཀ་ཡིན།
ང་ཡིས་ནམ་ཡང་ཁྱོད་དང་ལྷན་དུ།
གསང་དཀར་ལུག་ཁུ་མཚོ་ན་འདོད།
ཁྱོད་ནི་དཀར་གསལ་ཟླ་བ།
ངའི་རི་རྩེ་ནས་འཕགས་བྱུང་།
ཁྱོད་ནི་སྐར་མ་འོད་ཆེན།
ངའི་མཁའ་དབྱིངས་སུ་ཤར་སོང་།
ཁྱོད་ཀྱི་ཡིད་འོང་འཇུམ་ཞལ་གྱི་ཟླ་བས།
ང་ཡི་སེམས་པ་གསལ་བྱུང་།
ཨ་ཧ་་་་་སེམས་ཀྱི་མཛའ་བོ།
ཁྱོད་ཀྱི་མིང་ནས་ག་ལེར་འབོད་དུས།
ཁྱོད་ནི་ངའི་ཆེ་སྲོག་ཁྲོད།
ཡལ་བ་མེད་པའི་འགྱུར་མེད་དམ་བཅའ་ཡིན།
ང་ཡིས་ནམ་ཡང་དུས་དང་གཏན་དུ།
ཁྱོད་ཀྱི་སེམས་པ་དུམ་ན་འདོད།
ཨ་ཧ་་་་་སེམས་ཀྱི་མཛའ་བོ།
ཁྱོད་ཀྱི་མིང་ནས་ག་ལེར་འབོད་དུས།
ཁྱོད་ནི་ངའི་ཆེ་སྲོག་ཁྲོད།
ཡལ་བ་མེད་པའི་འགྱུར་མེད་དམ་བཅའ་ཡིན།
ང་ཡིས་ནམ་ཡང་དུས་དང་གཏན་དུ།
ཁྱོད་ཀྱི་སེམས་པ་དུམ་ན་འདོད།