歌词塔 搜索歌曲

哲嘎说唱歌词

歌手:尼玛乐队 专辑:那一世的情歌

༺࿄ ࿄ ࿄Music࿄ ࿄ ࿄༻
ང་ད་ནང་ཡོང་ཡོང་ཤར་ནས་ཡོང།
ཤར་རྡོ་རྗེ་སེམས་དཔའི་མདུན་ནས་ཡོང།
དོ་ནུབ་འགྲོ་འགྲོ་ནུབ་ལ་འགྲོ།
ནུབ་སྣང་བ་མཐའ་ཡས་མདུན་ལ་འགྲོ།
འབྲས་དཀར་བསམ་པའི་དོན་འགྲུབ་ཡིན།
འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན།
ངའི་མགོ་ལ་རྭ་ལྤགས་གྱོན་ནོ་འདི།
འབྲས་དཀར་རྒད་པོའི་ཆ་ལུགས་ཡིན།
ངའི་མགོ་ལ་རྭ་ལྤགས་གྱོན་ནོ་འདི།
འབྲས་དཀར་རྒད་པོའི་ཆ་ལུགས་ཡིན།
࿄ ࿄ ࿄Music࿄ ࿄ ࿄
ངའི་ཁ་སྤུ་མིག་སྤུ་རིང་ནོ་འདི།
ཨ་ཅ་ར་ཡི་ཆ་ལུགས་ཡིན།
མ་ནེ་མགོ་ཡི་མན་མཚན་འདི།
རྭ་མ་རྒྱལ་མོའི་ཆ་ལུགས་ཡིན།
གཡས་ཀྱི་ཨ་ར་དཀར་པོ་འདི།
རྒྱལ་གར་རྒྱལ་བོའི་ཆ་ལུགས་ཡིན།
གཡོན་གྱི་ཨ་ར་ནག་པོ་འདི།
རྒྱ་ནག་རྒྱལ་བོའི་ཆ་ལུགས་ཡིན།
གཡོན་གྱི་ཨ་ར་ནག་པོ་འདི།
རྒྱ་ནག་རྒྱལ་བོའི་ཆ་ལུགས་ཡིན།
࿄ ࿄ ࿄Music࿄ ࿄ ࿄
ཐོད་པར་མེ་ལོང་བཏགས་ནོ་འདི།
ལྷ་ཨོ་རྒྱན་པད་མའི་ཆ་ལུགས་ཡིན།
ངའི་ལག་གི་དབྱུག་པ་ཕྲ་མོ་འདི།
ཕ་ཤིང་ཅན་དན་དཀར་པོ་ཡིན།
མ་ཤིང་ལྷ་ཤིང་ཤུག་པོ་ཡིན།
རྒྱབ་ལ་འཁུར་ན་བོའུ་དང་འདྲ།
སྟེང་དུ་ཞོན་ན་རྟ་དང་འདྲ།
རྟ་སྒ་སྲ་མི་དགོ་ངོ་མཚར་ཆེ།
སྟེང་དུ་ཞོན་ན་རྟ་དང་འདྲ།
རྟ་སྒ་སྲ་མི་དགོ་ངོ་མཚར་ཆེ།
ང་འབྲས་དཀར་ཡོང་ཡོང་བོད་ལ་ཡོང།
བོད་ལ་རྟེན་འབྲལ་བསྒྲིག་དུ་ཡོང།
དེ་རིང་རྟེན་འབྲེལ་སྙིང་བོ་ལ།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།

更多>

尼玛乐队最新专辑

更多>

尼玛乐队最新歌曲