怀念班禅大师歌词
མདང་སང་ང་ཡི་རྨི་ལམ་
ཉི་ཟླ་རི་བོའི་རྩེ་ལ་
འཇའ་འོད་ཤར་བ་རྨིས་སོང་
གསེར་ཁྲི་པད་མའི་གདན་ལ་
པན་ཆེན་བཞུགས་པར་རྨིས་སོང་
ཉི་ཟླ་རི་བོའི་རྩེ་ལ་
འཇའ་འོད་ཤར་བ་རྨིས་སོང་
གསེར་ཁྲི་པད་མའི་གདན་ལ་
པན་ཆེན་བཞུགས་པར་རྨིས་སོང་
མདང་སང་ང་ཡི་རྨི་ལམ་
མི་ཉག་གངས་དཀར་རི་ལ་
མཆོད་པ་འབུལ་བ་རྨིས་སོང་
པན་ཆེན་སྣང་བ་མཐའ་ཡས་
ཞབས་ཟུང་བཀོད་པ་རྨིས་སོང་
མི་ཉག་གངས་དཀར་རི་ལ་
མཆོད་པ་འབུལ་བ་རྨིས་སོང་
པན་ཆེན་སྣང་བ་མཐའ་ཡས་
ཞབས་ཟུང་བཀོད་པ་རྨིས་སོང་
མདང་སང་ང་ཡི་རྨི་ལམ་
གནས་ཆེན་ཁ་བ་དཀར་ལ་
མཇལ་དར་འབུལ་བར་རྨིས་སོང་
པན་ཆེན་ཡིད་བཞིན་ནོར་བུའི་
ཞལ་རས་མཇལ་བ་རྨིས་སོང་
གནས་ཆེན་ཁ་བ་དཀར་ལ་
མཇལ་དར་འབུལ་བར་རྨིས་སོང་
པན་ཆེན་ཡིད་བཞིན་ནོར་བུའི་
ཞལ་རས་མཇལ་བ་རྨིས་སོང་
ཞལ་རས་མཇལ་བ་རྨིས་སོང་
ཞལ་རས་མཇལ་བ་རྨིས་སོང་