作词 : 民间 作曲 : 民间 དགུང་ཨ་སྔོན་དབྱིངས་ཀྱི་གླག་རྒོད་ཚོ། དགུང་གནམ་འཕང་བསྟོད་ན་དེ་རིང་བསྟོད། འཇའ་གུར་ཁང་ཕུག་ནོ་ཡག་རེ་ལྟོས། རླུང་སྤུ་གྲིའི་བར་ནས་སྐྱིད་རེ་ལྟོས། བྱ་རྒས་ནས་གཤོག་སྒྲོ་ལྷུང་དུས་སུ། བསྟོད་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད། སྤང་མེ་ཏོག་དཀྱིལ་གྱི་རྟ་མཆོག་ཚོ། རྒྱུགས་གོམས་ཁ་ཡོད་ན་དེ་རིང་ངོམས། སྤང་མེ་ཏོག་རྒྱན་ནོ་ཡག་རེ་ལྟོས། ལམ་འཕྲེད་ཀྱིས་བཅད་ནོ་སྐྱིད་རེ་ལྟོས། རྟ་རྒས་ནས་གོམས་ཁ་ཉམས་དུས་སུ། རྒྱུགས་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད། བོད་གངས་ཅན་བུ་དང་བུ་མོ་ཚོ། གླུ་ཡག་པ་ཡོད་ན་དེ་རིང་ལེན། ཆང་དཀར་དམར་སྒྲིག་ནོ་ཡག་རེ་བལྟས། གླུ་སེང་སེ་བླངས་ནོ་སྐྱིད་རེ་བལྟོས། མི་རྒས་ནས་དུང་སོ་འཐོར་དུས་སུ། ལེན་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད།