心灵的呼唤 作词 : 南措 作曲 : 南措 南措-心灵的呼唤 作词:南措 作曲:南措 གྲི་མཚོན་མ་འཆིང་གདོང་དམར་བོད་པ། མཐུན་སྒྲིལ་མ་འཆུག་གངས་ཅན་བོད་པ། གངས་ཅན་བོད་ཀྱི་མདུན་ལམ་བསམ་ན། བོད་པ་ཚང་ལ་ཡོན་ཏན་འཛོགས་རན། གཡུ་བྱུར་མ་འདོགས་གདོང་དམར་བོད་པ། ཤེས་རིག་མ་དོར་གངས་ཅན་བོད་པ། གངས་ཅན་བོད་ཀྱི་མདུན་ལམ་བསམ་ན། བོད་པ་ཚང་གི་རིག་གནས་དར་རན། པགས་རིག་མ་གྱོན་གདོང་དམར་བོད་པ། འཁོར་ཡུག་མ་བརླག་གངས་ཅན་བོད་པ། གངས་ཅན་བོད་ཀྱི་མཛེས་ལྗོངས་བསམ་ན། བོད་པ་ཚང་གི་ཕ་ཁྱིམ་འཛིན་རན། གནའ་སྲོལ་མ་དོར་གདོང་དམར་བོད་པ། སྦྲགས་སྐད་མ་བཤད་གངས་ཅན་བོད་པ། གངས་ཅན་བོད་ཀྱི་བདེ་སྡུག་བསམ་ན། ཤེས་བྱ་རིག་པའི་གནས་ལ་བརྩོན་རན ཤེས་བྱ་རིག་པའི་གནས་ལ་བརྩོན་རན