为所欲为D.W.Y.W 作词 : སངས་རྒྱས་བསོད་ནམས། 作曲 : 黎智坚措 རོལ་དབྱངས་སྒྲིག་བཟོ་པ། ཧུར་ལེན་ཁྲི་ཤིང་། པི་ཝང་འབྲུག་མགོ སྒྲ་ལེན། Mix HOOK ང་ཚོའི་མགོ་ཐོག་ནམ་མཁའ་དུད་སྤྲིན་སྨུག་གིས་ཡོངས་སུ་བསྒྲིབས། ང་ཚོའི་རྐང་འོག་ས་གཞི་ལྗན་ལྗིན་འདམ་གྱིས་ཀུན་ནས་མྱགས། འོན་ཀྱང་ཆགས་སྡང་སྣང་བའི་རྟ་རྒོད་མ་གཅུན་ཀེག་གིས་ལངས། དགའ་སླ་ངུ་སྐྱེན་གཞོན་པའི་སྣང་བ་མི་རྟག་སྒྱུ་མ་འདྲ། VERSE.1 ང་ཚོའི་སྐད་སྒྲ་གཉོམ་རུང་སེམས་ཤུགས་མི་ཉམས། ང་ཚོའི་འཚོ་བ་སྐྱོ་རུང་རྨི་ལམ་བོར་མེད། ཁྱི་ཕག་ཚང་མལ་འདྲ་བའི་རུལ་དྲི་ཁ་བའི་ཁོར་ཡུག་ནས། འདམ་གྱི་པད་མོ་ལྟ་བུའི་རྨི་ལམ་ང་ཚོས་སྦྲུམ། སོ་སོའི་སེམས་སུ་རང་ལ་དབང་བའི་རྒྱལ་ཁམས་ཡོད་དོ། རླུང་ལ་སྤུར་ཞིང་ཆུ་ལ་བསྐུར་བའི་ལོ་ཟླར་ང་ཚོས་ལེ་ཟླ་ཡེ་ནས་མི་སྲིད་དེ། རེ་བའི་ཞལ་ཁེབས་བཀྱགས་པའི་སྐྱ་རེངས་ཀྱི་འཛུམ་ཞལ་མདུན་ན་ཡོད། ལང་ཚོའི་དཔའ་སྤོབས་ཀྱི་རྐན་སྒྲ་ཐག་ཐག་དང་སྙིང་སྟོབས་ཀྱི་གཡུ་རལ་གསིག་བཞིན་མདུན་དུ་བསྐྱོད་ཡ། HOOK ང་ཚོའི་མགོ་ཐོག་ནམ་མཁའ་དུད་སྤྲིན་སྨུག་གིས་ཡོངས་སུ་བསྒྲིབས། ང་ཚོའི་རྐང་འོག་ས་གཞི་ལྗན་ལྗིན་འདམ་གྱིས་ཀུན་ནས་མྱགས། འོན་ཀྱང་ཆགས་སྡང་སྣང་བའི་རྟ་རྒོད་མ་གཅུན་ཀེག་གིས་ལངས། དགའ་སླ་ངུ་སྐྱེན་གཞོན་པའི་སྣང་བ་མི་རྟག་སྒྱུ་མ་འདྲ། VERSE.2 ང་ཚོའི་སྐྲ་ལོའི་ཁ་དོག་དཀར་སེར་དམར་ལྗང་ཡིན། ང་ཚོའི་སེམས་པའི་ཁ་དོག་དཀར་པོ་དཀར་རྐྱང་ཡིན། ང་ཚོའི་ཁ་བརྡ་སྤྱོད་ལམ་ཀུ་རེ་བསྟན་བཤིག་ཚ་པོ་ཡིན། ང་ཚོའི་ཕུགས་འདུན་རང་ལམ་སྲོག་གིས་སྲུང་ཞིང་སྙེག རང་སྣང་མཐོ་སོང་ཞེས་ཏེ་ཁྲོ་ཁྲོ་མ་མཛད་ཚད་གཞི་ཡོད། སྤྱོད་པ་འཆལ་སོང་ཞེས་ཏེ་སྡང་སྡིགས་མ་སྟོན་མ་མཐའི་རྩ་དོན་སྲུང་ནས་ཡོད། ང་ཚོས་ཕ་མེས་ཀྱི་ལོ་རྒྱུས་ཀློང་ནས་རང་ཉིད་ལ་ཕྱིར་རྟོག་བྱེད། ང་ཚོས་ད་ལྟ་བའི་ཁོར་ཡུག་འདི་ནས་མ་འོངས་པའི་བགྲོད་ལམ་འཚོལ། HOOK ང་ཚོའི་མགོ་ཐོག་ནམ་མཁའ་དུད་སྤྲིན་སྨུག་གིས་ཡོངས་སུ་བསྒྲིབས། ང་ཚོའི་རྐང་འོག་ས་གཞི་ལྗན་ལྗིན་འདམ་གྱིས་ཀུན་ནས་མྱགས། འོན་ཀྱང་ཆགས་སྡང་སྣང་བའི་རྟ་རྒོད་མ་གཅུན་ཀེག་གིས་ལངས། དགའ་སླ་ངུ་སྐྱེན་གཞོན་པའི་སྣང་བ་མི་རྟག་སྒྱུ་མ་འདྲ། ང་ཚོའི་མགོ་ཐོག་ནམ་མཁའ་དུད་སྤྲིན་སྨུག་གིས་ཡོངས་སུ་བསྒྲིབས། ང་ཚོའི་རྐང་འོག་ས་གཞི་ལྗན་ལྗིན་འདམ་གྱིས་ཀུན་ནས་མྱགས། འོན་ཀྱང་ཆགས་སྡང་སྣང་བའི་རྟ་རྒོད་མ་གཅུན་ཀེག་གིས་ལངས། དགའ་སླ་ངུ་སྐྱེན་གཞོན་པའི་སྣང་བ་མི་རྟག་སྒྱུ་མ་འདྲ། HOOK ང་ཚོའི་མགོ་ཐོག་ནམ་མཁའ་དུད་སྤྲིན་སྨུག་གིས་ཡོངས་སུ་བསྒྲིབས། ང་ཚོའི་རྐང་འོག་ས་གཞི་ལྗན་ལྗིན་འདམ་གྱིས་ཀུན་ནས་མྱགས། འོན་ཀྱང་ཆགས་སྡང་སྣང་བའི་རྟ་རྒོད་མ་གཅུན་ཀེག་གིས་ལངས། དགའ་སླ་ངུ་སྐྱེན་གཞོན་པའི་སྣང་བ་མི་རྟག་སྒྱུ་མ་འདྲ། ང་ཚོའི་མགོ་ཐོག་ནམ་མཁའ་དུད་སྤྲིན་སྨུག་གིས་ཡོངས་སུ་བསྒྲིབས། ང་ཚོའི་རྐང་འོག་ས་གཞི་ལྗན་ལྗིན་འདམ་གྱིས་ཀུན་ནས་མྱགས། འོན་ཀྱང་ཆགས་སྡང་སྣང་བའི་རྟ་རྒོད་མ་གཅུན་ཀེག་གིས་ལངས། དགའ་སླ་ངུ་སྐྱེན་གཞོན་པའི་སྣང་བ་མི་རྟག་སྒྱུ་མ་འདྲ།