红色的梦 作词 : 呷玛拉松 作曲 : 索扎 ༺ རྨི་ལམ་དམར་པོ། ༻ གཞས་ཚིག ཀརྨ་ལྷ་སྲུང་། གཞས་གདངས། བསོད་བཀྲ། གཞས་གཏོང་མཁན། བསོད་བཀྲ། རྡོ་བ་ཚེ་སྐྱིད། གཞས་ཚིག་སྒྲིག་སྦྱོར་བ། བྱ་མདོ་དཔལ་མགོན་ཚེ་རིང་། སྐད་འཕྲིན་ཨང་གྲངས། ༥༩༦༩༤༢༠༣༧ ࿄ ࿄ ࿄ Yeah,I wanna say something about my life སྙིང་ཁྲག་མེ་རུ་འབར་བའི་ལོ་ཟླའི་ནང་། ཁ་བ་དང་བུ་ཡུག གྲང་རླུང་དང་ལམ་ཐག་གྲོགས་སུ་བྱས་མྱོང་། རེ་དོགས་དང་ཕུགས་བསམ་ལ་རྔམ་པའི་ཁྱོད་དང་ང་། ལོ་ནས་ལོ་དང་ཟླ་ནས་ཟླ་བཞིན་ཞག་ནག་སུམ་བརྒྱ་དྲུག་ཅུ་མིག་ཆུ་དང་དཀའ་སྡུག་ཁྲོད་ནས་བཞུར་སོང་། ཁྱེད་ལ་དབང་བའི་ཕུགས་འདུན་ཞིག་ཡོད་ལ། ང་ལ་དབང་བའི་རྨི་ལམ་ཞིག་ཡོད། དེ་ནི་ལྷ་ཡི་ལུང་བསྟན་ཀླུ་ཡི་བཀོད་པ་གང་ཡང་མ་ཡིན་པར་སྙིང་གི་རྟུལ་ཕོད་ལས་འཁྲུངས་པའི་རེ་བའི་དྭངས་མ་དེ་ཡིན། བརྩེ་སེམས་དྲོན་མོ་དེ་ཁྱོད་ལ་གཏད་ཡོད། རེ་བའི་མིག་ཟུང་དེ་ཁྱོད་ལ་བགྲད་ཡོད། ང་ཡི་རྨི་ལམ་དམར་པོ། ཁྱེད་འཚོ་བ་ཡི་ཁ་དོག་ཡིན་ལ། ལང་ཚོ་ཡི་བཀྲག་མདངས་ཡིན། སྙན་འཇེབས་ཀྱི་གླུ་སྐད་རེ་རེ་རྨི་ལམ་དེའི་བརྒྱུད་རིམ་ཡིན་ལ། ངལ་དུབ་ཀྱི་རྔུལ་ཆུ་རེ་རེ་རྨི་ལམ་དེའི་ཟིལ་མ་ཡིན། ལམ་དུ་ཆས་དགོས། ད་དུང་འགྲོ་དགོས། ཤ་ཟད་རུས་ལ་ཐུག་ཀྱང་འགྲོ་དགོས། རུས་པ་ཐང་ལ་བརྡར་བཞིན་འགྲོ་དགོས། ལང་ཚོ་མཛེས་པོ་འཇའ་རེད།། ཕུགས་འདུན་འཇའ་ཡི་མདངས་རེད།། ཤ་ཟད་རུས་ལ་ཐུག་ཀྱང་འགྲོ་དགོས། ལས་ལ་བསྐོས་པ་མེད་ཀྱང་།། ལམ་དེ་བརྒྱུད་ནས་འགྲོ་དགོས།། རུས་པ་ཐང་ལ་བརྡར་བཞིན་འགྲོ་དགོས། སོ་སོའི་སེམས་ན་ཡོད་པའི།། སེམས་ཀྱི་རི་མོ་གྲུབ་ཉིན།། ཤ་ཟད་རུས་ལ་ཐུག་ཀྱང་འགྲོ་དགོས། འཇིག་རྟེན་སྲིད་པ་འདི་ཡི།། བདག་པོ་ཁྱོད་དང་ང་ཡིན།། རུས་པ་ཐང་ལ་བརྡར་བཞིན་འགྲོ་དགོས། ་་་་་་ རེ་བ་དེ་རྒྱང་ལ་བཅོལ་ཡོད། ལམ་སྣེ་དེ་རྒྱང་ལ་གཏད་ཡོད། གླུ་རིང་བོ་ཐང་ནས་བླངས་ཡོད། དབྱངས་སྙན་མོ་བྲག་ལ་འཁོར་ཡོད། དབྱངས་རྟ་ལ་བརྒྱུད་པའི་གླུ་ཚིག་རེ་རེ་རྨི་ལམ་དམར་པོའི་གཏམ་རྒྱུད་ཡིན་ལ། གཏམ་རྒྱུད་དེ་ན་རེ་བ་ཡོད། ཡིད་ཆེས་ཡོད། ཕུགས་བསམ་ཡོད། སྙིང་སྟོབས་ཡོད། ད་དུང་ཕམ་ཁ་ལས་ཐོབ་པའི་རྔུལ་ཆུ་ཙ་ར་ར། མིག་ཆུ་ཤ་ར་ར། འོན་ཀྱང་ཆེ་དྲགས་པའི་རེ་བ་དེའི་དབང་གིས་མགོ་བོ་ཡར་ལ་བཏེགས་ནས་གོམ་པ་མདུན་དུ་སྤོས། ཁ་གིས་ཨམ་གཙིགས་བསྡམས་ནས་སྤོབས་པ་དགུང་དུ་གཏད། ཀི་བསྭོ་དང་ལྷ་རྒྱལ་ཁྲོད་ནས། བཀྲ་ཤིས་དང་ཁ་གཡང་མཉམ་དུ་ལམ་ལ་ཆས་དགོས། ད་དུང་འགྲོ་དགོས། ཤ་ཟད་རུས་ལ་ཐུག་ཀྱང་འགྲོ་དགོས། རུས་པ་ཐང་ལ་བརྡར་བཞིན་འགྲོ་དགོས། ཕུགས་བསམ་རིང་མོ་དེ་མ་རྙེད་བར་དུ། རྨི་ལམ་དམར་པོ་དེ་མ་འགྲུབ་བར་དུ། ཡོད་ཚད་དོར་ཆོག ཡོད་ཚད་གཡུག་ཆོག རེ་བ་དང་ཡིད་ཆེས་ཅན་གྱི་ཁྱོད་དང་ངས། བརྗེད་མི་ཉན་པ་ནི་སོ་སོར་དབང་བའི་རྨི་ལམ་དམར་པོ་དེ་ཡིན། ལང་ཚོ་མཛེས་པོ་འཇའ་རེད།། ཕུགས་འདུན་འཇའ་ཡི་མདངས་རེད།། ཤ་ཟད་རུས་ལ་ཐུག་ཀྱང་འགྲོ་དགོས། ལས་ལ་བསྐོས་པ་མེད་ཀྱང་།། ལམ་དེ་བརྒྱུད་ནས་འགྲོ་དགོས།། རུས་པ་ཐང་ལ་བརྡར་བཞིན་འགྲོ་དགོས། སོ་སོའི་སེམས་ན་ཡོད་པའི།། སེམས་ཀྱི་རི་མོ་གྲུབ་ཉིན།། ཤ་ཟད་རུས་ལ་ཐུག་ཀྱང་འགྲོ་དགོས། འཇིག་རྟེན་སྲིད་པ་འདི་ཡི།། བདག་པོ་ཁྱོད་དང་ང་ཡིན།། རུས་པ་ཐང་ལ་བརྡར་བཞིན་འགྲོ་དགོས། ་་་་་་ རེ་བ་དེ་རྒྱང་ལ་བཅོལ་ཡོད། ལམ་སྣེ་དེ་རྒྱང་ལ་གཏད་ཡོད། གླུ་རིང་བོ་ཐང་ནས་བླངས་ཡོད། དབྱངས་སྙན་མོ་བྲག་ལ་འཁོར་ཡོད། དབྱངས་རྟ་ལ་བརྒྱུད་པའི་གླུ་ཚིག་རེ་རེ་རྨི་ལམ་དམར་པོའི་གཏམ་རྒྱུད་ཡིན་ལ། གཏམ་རྒྱུད་དེ་ན་རེ་བ་ཡོད། ཡིད་ཆེས་ཡོད། ཕུགས་བསམ་ཡོད། སྙིང་སྟོབས་ཡོད། Yeah,this is my life འདི་ནི་ང་ཚོ་ལ་དབང་བའི་རྨི་ལམ་ཡིན།