ANU 作词 : ANU 作曲 : ANU 音乐制作人:旦旦 ༺ ཨ་ནུ་རིང་ལུགས། ༻ ཚིག ཨ་ནུ་རིང་ལུགས། དབྱངས། ཨ་ནུ་རིང་ལུགས། གཞས་པ། ཨ་ནུ་རིང་ལུགས། སྒྲིག་སྦྱོར་བ། བྱ་མདོ་དཔལ་མགོན་ཚེ་རིང་། གླེང་མོལ། ༥༩༦༩༤༢༠༣༧ ࿄ ࿄ ࿄ ཞིམ་པོ་མེད་ཀྱང་ཆང་ཡིན་ཆོག་པས་ཆང་ཞིག་འཐུང་བཞིན་ཡོད། སྙན་པོ་མེད་ཀྱང་གླུ་ཡིན་ཆོག་པས་གླུ་ཞིག་ལེན་བཞིན་ཡོད། གང་ལྟར། གང་ལྟར་སྡུག་སྐད་ཡོད་ཚད་ས་འོག་ཏུ་སྦས་ནས། སྔར་བཞིན། རང་དང་འདྲ་བའི་རང་ཉིད་ཀྱི་ལམ་དུ་འགྲོ་བཞིན་ཡོད། སྐྱིད་པོ་མེད་ཀྱང་དབང་ཆ་མེད་པས་གཞན་ཡུལ་འཁྱམ་བཞིན་ཡོད། མིག་ནས་མཆི་མ་ཤོར་ཡང་གདོང་གིས་འཛུམ་ཞིག་སྟོན་བཞིན་ཡོད། གང་ལྟར། གང་ལྟར་དྲན་གདུང་ཡོད་ཚད་སེམས་ནང་ལ་སྦས་ནས། སྔར་བཞིན། རྨི་ལམ་དང་འདྲ་བའི་རྨི་ལམ་གྱི་ཆེད་དུ་འགྲོ་བཞིན་ཡོད། ད་ང་ཚོ་ལ་དུས་ཚོད་མང་པོ་ལྷག་མི་གདའ། ད་འགྲོ་རན་ཐལ། ང་ཚོ་འགྲོ་རན་ཐལ། ཨ་རོགས་དང་དགའ་རོགས། ཞི་ལུ་དང་ཞི་མོ་ཐམས་ཅད། ཁྱོད་ཀྱི་ལམ་ཐག་རིང་འདུག་མ་བཟློ་ར། ད་རུང་ཁྱོད་ཀྱིས་རྨི་ལམ་ད་ཅི་འདྲ་རིང་དྲགས། རེ་བ་དེ་ཅི་འདྲ་ཆེ་དྲགས་ཀྱང་མ་བཟློ་ཤད། Come on、鼓起你的勇气! གཅེས་པོ་དང་གཅེས་མོ། གཡོ་སྒྱུ་དང་ཁྲམ་པ། རྫུན་རྐྱལ་དང་ཁ་བཤད་ཆུ་ཡི་ཝུ་བ་ཝུ་ཝུ་ཝུ་ལ་གཏོང་ནས། ལག་ལེན་གསེར་གྱི་ཐིག་པ་འདོམ་པ་ནས་འདོམ་པ་ལ་འཐེན་མཁན། ང་ཚོ་དང་ཁྱོད་ཚོ། ཨེ་རེ་དང་ཕེ་རེ་མེ་རེ། ཁོ་རེ་མོ་རེ། 把所有Trouble ས་འོག་ལ་སྦས་ཤོག ཆུ་ནང་ལ་གཡུགས་ཤོག རླུང་ལ་སྐུར་ཤོག མེ་ལ་སྲེག་ཤོག ཀུ་གཅེས་ཀུ་གཅེས། ད་ང་ཚོ་ཨི་འདྲའི་རང་མགོ་རང་གཡོག་དང་ཕ་མགོ་བུ་གཡོག་བྱེད་ནས་བསྡད་བསྡད་ན་དངོས་གནས་བཀྲ་ཤིས་བདེ་ལེགས་རེད། ཞིམ་པོ་མེད་ཀྱང་ཆང་ཡིན་ཆོག་པས་ཆང་ཞིག་འཐུང་བཞིན་ཡོད། སྙན་པོ་མེད་ཀྱང་གླུ་ཡིན་ཆོག་པས་གླུ་ཞིག་ལེན་བཞིན་ཡོད། སྐྱིད་པོ་མེད་ཀྱང་དབང་ཆ་མེད་པས་གཞན་ཡུལ་འཁྱམ་བཞིན་ཡོད། མིག་ནས་མཆི་མ་ཤོར་ཡང་གདོང་གིས་འཛུམ་ཞིག་སྟོན་བཞིན་ཡོད། ཞིམ་པོ་མེད་ཀྱང་ཆང་ཡིན་ཆོག་པས་ཆང་ཞིག་འཐུང་བཞིན་ཡོད། སྙན་པོ་མེད་ཀྱང་གླུ་ཡིན་ཆོག་པས་གླུ་ཞིག་ལེན་བཞིན་ཡོད། སྐྱིད་པོ་མེད་ཀྱང་དབང་ཆ་མེད་པས་གཞན་ཡུལ་འཁྱམ་བཞིན་ཡོད། མིག་ནས་མཆི་མ་ཤོར་ཡང་གདོང་གིས་འཛུམ་ཞིག་སྟོན་བཞིན་ཡོད། གང་ལྟར། གང་ལྟར་དྲན་གདུང་ཡོད་ཚད་སེམས་ནང་ལ་སྦས་ནས། སྔར་བཞིན། རྨི་ལམ་དང་འདྲ་བའི་རྨི་ལམ་གྱི་ཆེད་དུ་འགྲོ་བཞིན་ཡོད།