吉祥新年 作词 : 曼拉杰甫 作曲 : 德吉 编曲 : 旦旦 ཕ་མ་འཛོམས་པའི་བུ་ཕྲུག། གངས་ལ་ཉི་རྩེ་ཕོག་འདྲ།། བུ་ཕྲུག་འཛོམས་པའི་ཕ་མ།། ནོར་བུ་རུམ་ལ་བཅུག་འདྲ།། ཕ་མ་འཛོམས་པའི་བུ་ཕྲུག། གངས་ལ་ཉི་རྩེ་ཕོག་འདྲ།། བུ་ཕྲུག་འཛོམས་པའི་ཕ་མ།། ནོར་བུ་རུམ་ལ་བཅུག་འདྲ།། དེ་རིང་ཇ་ཆང་འཛོམ་པོ་ཡོད་དེ། འཛོམ་པོ་མེད་ཀྱང་ཆོག་སོང་། ཕ་མ་བུ་ཕྲུག་འཛོམས་ན།། བདེ་སྐྱིད་བསྐལ་པ་ལྡན་སོང་།། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ཨ་མ་བག་དྲོ་སྐུ་ཁམས་བཟང་།། ལོ་སར་བཟང་ངམ་ལོ་སར་བཟང་།། སེམས་ཅན་ཐམས་ཅད་ཚེ་རིང་ལོ་བརྒྱ་ཤོག། སྤུན་མཆེད་འཛོམས་པའི་དུས་བཟང་།། གནམ་ལ་སྐར་མ་ཤར་འདྲ།། ནམ་མཁའི་སྐར་ཚོགས་འདྲ་ལེ།། ཆོལ་གསུམ་བོད་པའི་སྤུན་མཆེད།། སྤུན་མཆེད་འཛོམས་པའི་དུས་བཟང་།། གནམ་ལ་སྐར་མ་ཤར་འདྲ།། ནམ་མཁའི་སྐར་ཚོགས་འདྲ་ལེ།། ཆོལ་གསུམ་བོད་པའི་སྤུན་མཆེད།། དེ་རིང་ཇ་ཆང་འཛོམ་པོ་ཡོད་དེ། འཛོམ་པོ་མེད་ཀྱང་ཆོག་སོང་། ནང་མི་ལྷན་འཛོམས་ཡོང་བའི།། སྨོན་འདུན་གཞས་ལ་བཅོལ་ཡོད།། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ཨ་མ་བག་དྲོ་སྐུ་ཁམས་བཟང་།། ལོ་སར་བཟང་ངམ་ལོ་སར་བཟང་།། སེམས་ཅན་ཐམས་ཅད་ཚེ་རིང་ལོ་བརྒྱ་ཤོག། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ཨ་མ་བག་དྲོ་སྐུ་ཁམས་བཟང་།། ལོ་སར་བཟང་ངམ་ལོ་སར་བཟང་།། སེམས་ཅན་ཐམས་ཅད་ཚེ་རིང་ལོ་བརྒྱ་ཤོག། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།། ཨ་མ་བག་དྲོ་སྐུ་ཁམས་བཟང་།། ལོ་སར་བཟང་ངམ་ལོ་སར་བཟང་།། སེམས་ཅན་ཐམས་ཅད་ཚེ་རིང་ལོ་བརྒྱ་ཤོག། ལོ་སར་བཟང་ངམ་ལོ་སར་བཟང་།། སེམས་ཅན་ཐམས་ཅད་ཚེ་རིང་ལོ་བརྒྱ་ཤོག།